落桑旺秋:仓央嘉措诗歌新译

发布时间:2022-06-06 11:35:03 | 来源:岗路巴微信公众号 | 作者:落桑旺秋 | 责任编辑:刘怿艺

仓央嘉措著

ཚངས་དབྱངས་རྒྱ་མཚོས་བརྩམས།

落桑旺秋译

བློ་བཟང་དབང་ཕྱུག་གིས་བསྒྱུར།

ཤར་ཕྱོགས་རི་བོའི་རྩེ་ནས།།

དཀར་གསལ་ཟླ་བ་ཤར་བྱུང་།།

མ་སྐྱེས་ཨ་མའི་ཞལ་རས།།

ཡིད་ལ་འཁོར་འཁོར་བྱས་བྱུང་།།

巍巍东山,皎皎明月;

银辉娑婆,映照心间;

玛吉阿米,依稀面容;

时时浮现,挥之不去。

ན་ནིང་བཏབ་པའི་ལྗང་གཞོན།།

ད་ལོ་སོག་མའི་ཕོན་ལྕོག །

ཕོ་གཞོན་རྒས་པའི་ལུས་པོ།།

ལྷོ་གཞུ་ལས་ཀྱང་གྱོང་བ།།

去年所植,青青幼苗;

今岁枯黄,已成秸秆;

少年身躯,岁月摧折;

日渐下曲,胜似南弓。

རང་སེམས་སོང་བའི་མི་དེ།།

གཏན་གྱི་འདུན་མར་བྱུང་ན།།

རྒྱ་མཚོའི་གཏིང་ནས་ནོར་བུ།།

ལེན་པ་དེ་དང་མཉམ་བྱུང་།།

念念不忘,所恋伊人;

比翼连枝,心中所望;

若能遂愿,喜自难言;

深海觅宝,可堪比拟。

འགྲོ་ཞོར་ལམ་བུའི་སྙིང་ཐུབ།།

ལུས་དྲི་ཞིམ་པའི་བུ་མོ།།

གཡུ་ཆུང་གྲུ་དཀར་རྙེད་ནས།།

བསྐྱུར་བ་དེ་དང་འདྲ་བྱུང་།།

半途邂逅,一见倾心;

少女体香,沁我心脾;

好似路中,拾得松石;

转瞬又失,吾心何悲。

མི་ཆེན་དཔོན་པོའི་སྲས་མོ།།

ཁ་འབྲས་མཚར་ལུགས་བལྟས་ན།།

ཁམ་སྡོང་མཐོན་པོའི་རྩེ་ནས།།

འབྲས་བུ་སྨིན་པ་འདྲ་བྱུང་།།

豪门深宅,大家闺秀;

面容姣好,婉约秀丽;

恰似枝头,蟠桃成熟;

摇摇欲坠,灼灼其华。

སེམས་པ་ཕར་ལ་ཤོར་ནས།།

མཚན་མོའི་གཉིད་ཐེབས་གཅོག་གིས།།

ཉིན་མོ་ལག་ཏུ་མ་ལོན།།

ཡིད་ཐང་ཆད་རོགས་ཡིན་པ།།

一见倾心,钟情于彼;

夜不能寐,辗转反侧;

白昼醒转,求之不得;

心绪黯然,徒留伤怀。

མེ་ཏོག་ནམ་ཟླ་ཡལ་སོང་།།

གཡུ་སྦྲང་སེམས་པ་མ་སྐྱོ།།

བྱམས་པའི་ལས་འཕྲོ་ཟད་པར།།

ང་ནི་སྐྱོ་རྒྱུ་མི་འདུག །

花自凋零,时日若到;

采蜜玉蜂,切莫伤怀;

心上人儿,缘分若尽;

命中早定,我心何伤。

རྩི་ཐོག་བ་མོའི་ཁ་ལ།།

སྐྱི་སེར་རླུང་གི་ཕོ་ཉ །

མེ་ཏོག་སྦྲང་བུ་གཉིས་ཀྱི།།

འབྲེལ་མཚམས་གཅོད་མཁན་ལོས་ཡིན།།

草茎株顶,薄霜笼罩;

蜜蜂停驻,本在花间;

奈何风吹,疾似驿马;

将那蜂花,生生拆散。

ངང་པ་འདམ་ལ་ཆགས་ནས།།

རེ་ཞིག་སྡོད་དགོས་བསམ་ཀྱང་།།

མཚོ་མོར་དར་ཁ་འགྲིག་ནས།།

རང་སེམས་ཁོ་ཐག་ཆོད་སོང་།།

天鹅本性,眷恋湖泽;

意欲停驻,栖身此间;

无奈冰封,湖面冻结;

心中望念,又即幻灭。

༡༠

གྲུ་ཤན་སེམས་པ་མེད་ཀྱང་།།

རྟ་མགོས་ཕྱི་མིག་བལྟས་བྱུང་།།

ཁྲེལ་གཞུང་མེད་པའི་བྱམས་པས།།

ང་ལ་ཕྱི་མིག་མི་ལྟ།།

河津渡口,无情之物;

马头船首,频频回望;

心之所念,无情伊人;

决绝而去,一眼未回。

༡༡

ང་དང་ཚོང་འདུས་བུ་མོའི།།

ཚིག་གསུམ་དམ་བཅའི་མདུད་པ།།

ཁྲ་བོའི་སྦྲུལ་ལ་མ་བརྒྱབ།།

རང་རང་ས་ལ་གྲོལ་སོང་།།

街头市集,邂逅伊人;

同心立下,三句誓言;

匆忙之间,未及结紧;

即在原地,各自散开。

༡༢

ཆུང་འདྲིས་བྱམས་པའི་རླུང་བསྐྱེད།།

ལྕང་མའི་ལོགས་ལ་བཙུགས་ཡོད།།

ལྕང་སྲུང་ཨ་ཇོ་ཞལ་ངོས།།

རྡོ་ཀ་རྒྱག་པ་མ་གནང་།།

青梅竹马,为求顺遂;

风马旗儿,挂上柳梢;

护木大哥,切莫气急;

将那飞石,抛掷其上。

༡༣

བྲིས་པའི་ཡི་གེ་ནག་ཆུང་།།

ཆུ་དང་ཐིགས་པས་འཇིག་སོང་།།

མ་བྲིས་སེམས་ཀྱི་རི་མོ།།

སུབས་ཀྱང་ཟུབ་རྒྱུ་མི་འདུག །

手之所书,蝇头小字;

水滴流经,墨痕了无;

心之所思,图景宛然;

虽欲抛却,其痕愈深。

༡༤

བརྒྱབ་པའི་ནག་ཆུང་ཐིའུས།།

གསུང་སྐད་འབྱོན་ནི་མི་ཤེས།།

ཁྲེལ་དང་གཞུང་གི་ཐེའུ།།

སོ་སོའི་སེམས་ལ་སྐྱོན་དང་།།

黑色章文,虽则清晰;

却因无心,不能言语;

廉耻之印,虽则无形;

个人心中,自当明晰。

༡༥

སྟོབས་ལྡན་ཧ་ལོའི་མེ་ཏོག །

མཆོད་པའི་རྫས་ལ་ཕེབས་ན།།

གཡུ་སྦྲང་གཞོན་ནུ་ང་ཡང་།།

ལྷ་ཁང་ནང་ལ་ཁྲིད་དང་།།

奔放盎然,锦葵花儿;

若是前去,供奉佛前;

还请将我,玉蜂少年;

一同领入,佛堂之中。

༡༦

སེམས་སོང་བུ་མོ་མི་བཞུགས།།

ལྷ་ཆོས་བྱེད་ལ་ཕེབས་ན།།

ཕོ་གཞོན་ང་ཡང་མི་སྡོད།།

རི་ཁྲོད་འགྲིམ་ལ་ཐེག་འགྲོ །

心之所慕,窈窕伊人;

若欲学佛,遁入空门;

少年如我,亦不停留;

隐入深山,洞中修行。

༡༧

མཚན་ལྡན་བླ་མའི་དྲུང་དུ།།

སེམས་འཁྲིད་ཞུ་བར་ཕྱིན་པས།།

སེམས་པ་བགོར་ཀྱང་མི་ཐུབ།།

བྱམས་པའི་ཕྱོགས་ལ་ཤོར་སོང་།།

慕名趋至,上师座前;

本为求取,修心之法;

怎奈六根,尚未清静;

思绪飘然,伊人身畔。

༡༨

སྒོམ་པ་བླ་མའི་ཞལ་རས།།

ཡིད་ལ་འཆར་རྒྱུ་མི་འདུག །

མ་སྒོམ་བྱམས་པའི་ཞལ་རས།།

ཡིད་ལ་ཝ་ལེ་ཝལ་ལེ།།

本欲观想,上师面容;

久久未能,浮现心中;

青梅竹马,面容宛然;

无需记忆,时时浮现。

༡༩

སེམས་པ་འདི་ལ་འགྲོ་འགྲོ།།

དམ་པའི་ཆོས་ལ་ཕྱིན་ན།།

ཚེ་གཅིག་ལུས་གཅིག་ཉིད་ལ།།

སངས་རྒྱས་ཐོབ་པ་འདུག་གོ །

此心若能,潜心佛法;

好似贪恋,花花世界;

此生此世,便能悟道;

解脱苦海,立地成佛。

༢༠

དག་པ་ཤེལ་རིའི་གངས་ཆུ།།  

ཀླུ་བདུད་རྡོ་རྗེའི་ཟིལ་པ།།

བདུད་རྩི་སྨན་གྱི་ཕབ་རྒྱུན།།  

ཆང་མ་ཡེ་ཤེས་མཁའ་འགྲོ །

དམ་ཚིག་གཙང་མས་བཏུང་ན།།  

ངན་སོང་མྱོང་དགོས་མི་འདུག །

琉璃山间,所流雪水;

党参露珠,早汇其间;

甘露所酿,琼浆玉液;

婀娜酒娘,益西康卓;

若饮佳酿,三昧清净;

何需再历,恶趣路途。   

༢༡

རླུང་རྟ་ཡར་འགྲོའི་དུས་ལ།།

རླུང་བསྐྱེད་དར་ལྕོག་བཙུགས་པས།།

མཛངས་མ་མ་བཟང་བུ་མོའི།།

མགྲོན་པོར་ང་རང་བོས་བྱུང་།།

正当时运,亨通之时;

亲手竖起,风马之旗;

贤母所育,女中豪杰;

唤我前往,奉作上宾。

༢༢

སོ་དཀར་ལྤགས་པའི་འཛུམ་མདངས།།

བཞུགས་གྲལ་སྤྱི་ལ་བལྟས་ཀྱང་།།

མིག་ཟུར་ཁྲ་མོའི་སྒྲིལ་མཚམས།།

གཞོན་པའི་གདོང་ལ་བལྟས་བྱུང་།།

皓齿之间,盈盈笑意;

眼波流转,遍及席间;

双眸之角,惊鸿一瞥;

摄在少年,青涩面庞。

༢༣

ཧ་ཅང་སེམས་ལ་སོང་ནས།།

འགྲོགས་འདྲིས་ཨེ་ཡོང་དྲིས་པས།།

འཆི་བྲལ་བྱས་ན་མིན་པ།།

གསོན་བྲལ་མི་བྱེད་གསུངས་བྱུང་།།

心之所往,情之所迷;

痴心问询,可愿相依;

所答曰可,从此往后;

只可死别,再无生离。

༢༤

མཛངས་མའི་ཐུགས་དང་བསྟུན་ན།།

ཚེ་འདིའི་ཆོས་སྐལ་ཆད་འགྲོ །

དབེན་པའི་རི་ཁྲོད་འགྲིམས་ན།།

བུ་མོའི་ཐུགས་དང་འགལ་འགྲོ །

若遂卿意,比翼连枝;

此生定然,缘尽佛法;

若离红尘,山中修行;

违背卿意,心又何甘。

༢༥

སྦྲང་བུ་རྒྱ་ལ་བཅུག་འདྲ།།

ཀོང་ཕྲུག་གཞོན་པའི་བློ་སྣ།།

ཞག་གསུམ་ཉལ་རོགས་བྱས་པས།།

ཕུགས་ཡུལ་ལྷ་ཆོས་དྲན་བྱུང་།།

工布少年,心绪难定;

恰似蜜蜂,困在网中;

同床共枕,三夜过后;

又即念起,远长佛法。   

༢༦

གཏན་གྲོགས་ཁྱོད་ལ་བསམ་པའི།།

ཁྲེལ་དང་ངོ་ཚ་མེད་ན།།

མགོ་ལ་བརྒྱབ་པའི་གཙུག་གཡུས།།

སྐད་ཆ་སྨྲ་ནི་མི་ཤེས།།

挚爱伴侣,汝之心中;

若无廉耻,不知自爱;

头顶所戴,松石宝饰;

无心之物,口岂能言。

༢༧

འཛུམ་དང་སོ་དཀར་བསྟན་ཕྱོགས།།

གཞོན་པའི་བློ་བྲིད་ཡིན་འདུག །

སྙིང་ནས་ཤ་ཚ་ཡོད་མེད།།

དབུ་མནའ་བཞེས་རོགས་གནང་དང་།།

笑颜如花,皓齿似玉;

二者所向,少年心房

如若心底,情真意切;

还请许下,不悔誓言。

༢༨

སྙིང་ཐུབ་བྱ་རྡོ་ལམ་འཕྲད།།

ཨ་མ་ཆང་མས་སྦྱར་བྱུང་།།

ལན་ཆགས་བུ་ལོན་བྱུང་ན།།

འཚོ་སྐྱོང་ཁྱེད་རས་གནང་ཞུ།།

飞鸟遇石,本属偶然;

怎奈酒娘,执意撮合;

如若遗留,风流情债;

还需酒娘,关照保全。

༢༩

སྙིང་གཏམ་ཕ་མར་མ་བཤད།།

ཆུང་འདྲིས་བྱམས་པར་བཤད་པས།།

བྱམས་པ་ཤག་པོ་མང་ནས།།

གསང་གཏམ་དགྲ་བོས་གོ་སོང་།།

衷肠私语,未告双亲;

倾囊相诉,竹马青梅;

怎奈爱侣,拥趸甚众;

密言反入,仇敌耳中。

༣༠

སྙིང་ཐུབ་ཡིད་འཕྲོག་ལྷ་མོ།།

རྔོན་པ་ང་རས་ཟིན་ཀྱང་།།

དབང་ཆེན་མི་ཡི་དཔོན་པོ།།

ནོར་བཟང་རྒྱ་ལུས་འཕྲོག་སོང་།།

心中爱侣,宛若仙子;

我似猎手,虽已成擒;

怎奈罗桑,王侯势大;

生生抢夺,却无它法。

༣༡

ནོར་བུ་རང་ལ་ཡོད་དུས།།

ནོར་བུའི་ནོར་ཉམས་མ་ཆོད།།

ནོར་བུ་མི་ལ་ཤོར་དུས།།

སྙིང་རླུང་སྟོད་ལ་འཚང་བྱུང་།།

绝世珍宝,执于掌中;

未曾知晓,价值几何;

待得宝物,失于他手;

气急败坏,直涌心头。

༣༢

རང་ལ་དགའ་བའི་བྱམས་པ།།

གཞན་གྱི་འདུན་མར་བླངས་སོང་།།

ཁོག་ནང་སེམས་པའི་གཅོང་གིས།།

ལུས་པོའི་ཤ་ཡང་སྐམ་སོང་།།

挚爱伴侣,钟情于己;

命运无奈,嫁作人妇;

郁思成疾,化若古钟;

其声入耳,形销骨立。

༣༣

སྙིང་ཐུབ་རྐུ་ལ་ཤོར་སོང་།།

མོ་ཕྱྭ་རྩིས་འབུལ་རན་སོང་།།

བུ་མོ་དུང་སེམས་ཅན་མ།།

རྨི་ལམ་ནང་ལ་འཁོར་སོང་།།

心中爱侣,失窃无踪;

求签问卜,无济于事;

女子情深,爱意深重;

夜入吾梦,再度相会。

༣༤

བུ་མོར་འཆི་བ་མེད་ན།།

ཆང་ལ་འཛད་པ་མི་འདུག །

གཞོན་པའི་གཏན་གྱི་སྐྱབས་གནས།།

འདི་ལ་བཅོལ་བས་ལོས་ཆོག །

酒家姑娘,若仍在世;

琼浆佳酿,便无尽时;

少年此生,心中依归;

情之所系,定属此物。

༣༥

བུ་མོ་ཨ་མར་མ་སྐྱེས།།

ཁམ་བུའི་ཤིང་ལ་སྐྱེས་སམ།།

ཨ་གསར་ཟད་པ་ཁམ་བུའི།།

མེ་ཏོག་ལས་མགྱོགས་པ།།

妙龄少女,非母所生;

莫非生长,桃树之上;

喜新厌旧,少女秉性;

还胜桃花,短暂花期。

༣༦

བུ་མོ་ཆུང་འདྲིས་བྱམས་པ།།

སྤྱང་ཀིའི་རིགས་རྒྱུད་མིན་ནམ།།

ཤ་འདྲེས་ལྤགས་འདྲེས་བྱུང་ཀྱང་།།

རི་ལ་ཡར་གྲབས་མཛད་གིས།།

青梅竹马,所爱女子;

难道却是,饿狼所生;

骨肉相融,心意全付;

却还难驯,又思归山。

༣༧

རྟ་རྒོད་རི་ཡར་རྒྱབ་པ།།

རྙི་དང་ཞགས་པས་ཟིན་གིས།།

བྱམས་པ་ངོ་ལོག་བརྒྱབ་པས།།

མཐོང་ངོས་ཟིན་པ་མི་འདུག །

野马性烈,牧于山岭;

其性虽野,套索可缚;

青梅竹马,若是变心;

难再相见,一去不回。

༣༨

བྲག་དང་རླུང་པོ་སྡེབས་ནས།།

རྒོད་པོའི་སྒྲོ་ལ་གཟན་བྱུང་།།

གཡོ་ཅན་རྫུ་བག་ཅན་གྱིས།།

ང་ལ་གཟན་པོ་བྱས་བྱུང་།།

风声呼啸,拍打岩石;

雄鹰羽翼,即招折损;

阴险狡诈,小人行径;

吾之身心,备受折磨。

༣༩

སྤྲིན་པ་ཁ་སེར་གཏིང་ནག །

སད་དང་སེར་བའི་གཞི་མ།།

བན་དེ་སྐྱ་མིན་སེར་མིན།།

སངས་རྒྱས་བསྟན་པའི་དགྲ་བོ།།

空中层云,似黄实黑;

寒霜冰雹,孕育其内;

貌似出家,举止不改;

非僧非俗,佛法之敌。

༤༠

ས་དེ་ཁ་བཞུར་གཏིང་འཁྱགས།།

རྟ་ཕོ་གཏོང་ས་མ་རེད།།

གསར་འགྲོགས་བྱམས་པའི་ཕྱོགས་སུ།།

སྙིང་གཏམ་ཤོད་ས་མ་རེད།།

冰虽未化,表面渐融;

勿让骏马,驰骑于上;

内心深处,衷肠私语;

切莫倾诉,隐秘爱人。

༤༡

ཚེས་ཆེན་བཅོ་ལྔའི་ཟླ་བ།།

ཡིན་ལ་འདྲ་བ་འདུག་སྟེ།།

ཟླ་བའི་དཀྱིལ་གྱི་རི་བོང་།།

ཚེ་ཟད་ཚར་ནས་འདུག་གོ །

十五之夜,皓月当空;

好似佳期,吉日呈祥;

困居月中,凄冷玉兔;

已近寿终,行将陨灭。

༤༢

ཟླ་བ་འདི་ནས་ཕར་འགྲོ།།

གཏིང་མའི་ཟླ་བ་ཚུར་ཡོང་།།

བཀྲ་ཤིས་ཟླ་བ་དཀར་པོ།།

ཟླ་སྟོད་ཕྱོགས་ལ་མཇལ་ཡོང་།།

此月将逝,下月将至;

时光似水,一去不返;

吉祥殊胜,银白圆月;

唯待月初,再行相会。

༤༣

དབུས་ཀྱི་རི་རྒྱལ་ལྷུན་པོ།།

མ་འགྱུར་བརྟན་པར་བཞུགས་དང་།།

ཉི་མ་ཟླ་བའི་འཁོར་ཕྱོགས།།

ནོར་ཡོང་བསམ་པ་མི་འདུག །

中央之地,须弥山王;

切莫轻动,稳坐己位;

日月轮转,还需仰仗;

如若不然,易失方向。

༤༤

ཚེས་གསུམ་ཟླ་བ་དཀར་པོ།།

དཀར་གོ་ནང་ནས་ཆོད་སོང་།།

བཅོ་ལྔའི་ནམ་དང་མཉམ་པའི།།

ཞལ་བཞེས་ཅིག་ཡང་གནང་ཞུ།།

初三夜里,天上明月;

虽已竭力,尽显其白;

如何衬得,十五圆月;

还请立下,一句诺言。

༤༥

ས་བཅུའི་དབྱིངས་སུ་བཞུགས་པའི།།

དམ་ཅན་རྡོ་རྗེ་ཆོས་སྐྱོང་།།

མཐུ་དང་ནུས་པ་ཡོད་ན།།

བསྟན་པའི་དགྲ་བོ་སྒྲོལ་དང་།།

身居妙境,菩萨十地;

金刚护法,多吉曲炯;

如若身具,无边法力;

还请逐退,佛法仇敌。

༤༦

ཁུ་བྱུག་མོན་ནས་ཡོང་བས།།

ནམ་ཟླའི་ས་བཅུད་འཕེལ་སོང་།།

ང་དང་བྱམས་པ་ཕྲད་ནས།།

ལུས་སེམས་ལྷོད་པོར་ལངས་སོང་།།

从那门隅,杜鹃飞返;

万物复苏,生机勃勃;

吾与恋人,喜得相会;

心中舒畅,何其欢快。

༤༧

མི་རྟག་འཆི་བ་ཟེར་བ།།

སྙིང་ནས་མ་དྲན་ན་ནི།།

སྤྱང་གྲུང་འཛོམས་ཀྱང་དོན་ལ།།

ལྐུག་པ་ཞིག་དང་འདྲ་བྱུང་།།

生死有期,本就无常;

心中如若,早无定数;

其人便是,大愚若智;

看似精明,实乃蠢笨。

༤༨

ཁྱི་དེ་སྟག་ཁྱི་གཟིག་ཁྱི།།

ལྡག་ཁ་སྟེར་ནས་འདྲིས་སོང་།།

ནང་གི་སྟག་མོ་རིས་འཛོམས།།

འདྲིས་ནས་ཐུ་རུ་ལངས་སོང་།།

似虎如狮,门口猛犬;

只需糌粑,既可相熟;

家中母虎,花纹斑斓;

熟识而后,反倒愈恶。

༤༩

ཤ་འཇམ་ལུས་པོ་འབྲེལ་ཀྱང་།།

བྱམས་པའི་གདེང་ཚོད་མི་ལོན།།

ས་ལ་རི་མོ་བྲིས་པས།།

ནམ་མཁའི་སྐར་ཚོད་ཐིག་བྱུང་།།

虽与爱侣,巫山云雨;

情人心事,难知一二;

谶纬图画,绘于地面;

空中星象,了然心中。

༥༠

ང་དང་བྱམས་པའི་སྡེབས་ས།།  

ལྷོ་རོང་མོན་པའི་ནགས་གསེབ།།

སྨྲ་མཁན་ནེ་ཙོ་མ་གཏོགས།།  

སུ་དང་གང་གིས་མི་ཤེས།།

སྨྲ་མཁན་ནེ་ཙོ་ཨོ་ཤེས།། 

གསང་ཁ་རྟོལ་བ་མ་གནང་།།

吾共爱侣,日常幽会;

南方门隅,密林深处;

除却一鸟,无人知晓;

神鸟鹦鹉,能言善语;

能言善语,神鸟鹦鹉;

切莫声张,泄密于人。

༥༡

ལྷ་ས་མི་ཚོགས་མཐུག་ལ།།

འཕྱོངས་རྒྱས་མི་སྤུས་དག་པ།།

ང་ལ་ཡོང་བའི་ཆུང་འདྲིས།།

འཕྱོངས་རྒྱས་གཞུང་ན་ཡོད་དོ།།

拉萨街头,人头攒动;

琼结地方,地杰人灵;

吾之所爱,竹马青梅;

正在彼处,琼结地方。

༥༢

ཁྱི་རྒན་རྒྱའུ་ཟེར་བ།།

རྣམ་ཤེས་མི་ལས་སྤྱང་བ།།

སྲོད་ལ་ལངས་སོང་མ་ཟེར།།

ཐོ་རངས་ལོག་བྱུང་མ་ཟེར།།

门旁老犬,满脸络腮;

其性机敏,通灵似人;

初更起身,未曾吠叫;

黎明回返,亦不声张。

༥༣

སྲོད་ལ་བྱམས་པ་བཙལ་པས །

ཐོ་རངས་ཁ་བ་བབས་བྱུང་།།

གསང་དང་མ་གསང་མི་འདུག །

ཞབས་རྗེས་གངས་ལ་བཞག་ནི།།

暮色四合,乃会伊人;

黎明时分,纷扬雪落;

言或不言,已无分别;

且看雪中,窸窣脚印。

༥༤

པོ་ཏ་ལ་རུ་བཞུགས་དུས།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

ལྷ་ས་ཞོལ་དུ་སྡོད་དུས།།

འཆལ་པོ་དང་བཟང་དབང་པོ།།

布宫之中,端坐法台;

仓央嘉措,持智圣贤;

拉萨市井,醉生梦死;

宕桑旺波,浪荡游魂。

༥༥

ཤ་འཇམ་ཉལ་གཟན་ནང་གི །

སྙིང་ཐུབ་དུང་སེམས་ཅན་མ།།

ཨོ་ལོའི་རྒྱུ་ནོར་འཕྲོག་པའི།།

གཡོ་རྒྱུ་བཤད་པ་མིན་འགྲོ །

温枕之畔,肤若凝脂;

所恋伊人,心之所爱;

莫非所言,俱是狡诈;

只为骗取,小儿财物。

༥༦

དབུ་ཞྭ་དབུ་ལ་བཞེས་སོང་།།  

དབུ་ལྕང་རྒྱབ་ལ་དབྱུགས་སོང་།།

ག་ལེ་ཕེབས་བྱེད་བྱས་པས།།  

ག་ལེ་བཞུགས་བྱེད་ཟེར་གྱིས།།   

ཐུགས་སེམས་སྐྱོ་ཡོང་བྱས་པས།།  

མགྱོགས་པོ་འཕྲད་ཡོང་གསུངས་བྱུང་།།

冠帽戴在,头顶之上;

发辫甩至,身躯之后;

言曰慢行,请多珍重;

答曰留步,还请安坐;

问曰心底,是否伤怀;

答曰无妨,再会可期。

༥༧

བྱ་དེ་ཁྲུང་ཁྲུང་དཀར་པོ།།

ང་ལ་གཤོག་རྩལ་གཡར་དང་།།

ཐག་རིང་རྒྱང་ནས་མི་འགྲོ །

ལི་ཐང་བསྐོར་ནས་སླེབ་ཡོང་།།

神鸟仙鹤,其羽洁白;

借我双翅,直上青云;

非往远方,乃去理塘;

一睹故土,随后即归。

༥༨

ཤི་དེ་དམྱལ་བའི་ཡུལ་གྱི།།

ཆོས་རྒྱལ་ལས་ཀྱི་མེ་ལོང་།།

འདི་ནས་ཁྲིག་ཁྲིག་མི་འདུག །

དེ་ནས་ཁྲིག་ཁྲིག་གནང་ཞུ།། 

ཛཡནྟུ།།

身死便至,阴曹地府;

法王所持,善恶明镜;

阳间善恶,并不分明;

还望地府,明断善恶。

来源:岗路巴微信公众号

版权所有 中国藏学研究中心。 保留所有权利。 京ICP备06045333号-1

京公网安备 11010502035580号