首页  > 国内藏学  > 研究机构  > 甘肃

甘肃民族师范学院藏汉双语教育学院

发布时间:2021-10-13 14:41:39 | 来源: | 作者: | 责任编辑:

藏汉双语教育学院成立于2014年,于2015年12月16日举行挂牌揭牌仪式并召开藏汉双语教学研讨会。学院下设西北少数民族教育发展研究中心、藏汉双语教育研究室和甘肃省藏汉双语师资培训中心。现有藏汉双语数学与应用数学、物理学、学前教育、历史学、计算机科学、思想政治教育、应用语言学、酒店管理、旅游管理、法学等10个藏汉双语专业,其中数学与应用数学(藏汉双语)、学前教育(藏汉双语)专业列入甘肃省特色专业建设项目,开设专业分布于藏汉双语理科系、汉语系、历史文化系、计算机科学系、经济与社会发展系、教育科学、马克思主义学院等7个教学院系。现有教学班级共41个,1884名学生。 

学院先后建成藏汉双语类《数学分析》、《藏族文学史》、《心理学理论与实务》等甘肃省省级精品课程;《解析几何》、《藏文文选》等2门校级精品课程,《藏文网站建设》、《藏文信息处理技术》、《C语言程序设计》等3门校级特色课程;《萨迦格言》、《藏族民间文学导论》等31门通识教育选修课程。《中国特色民汉双语教学模式研究与实践》、藏数学专业教材《解析几何》、《“藏汉双语”师资培训“课例研修”》模式的探索与实践等或省、厅级教学成果奖。围绕项目,先后出版了《大学基础藏语》、《大学基础汉语》、《藏族文学史》藏汉双语教育学简明读本》、《汉藏翻译理论与实践》、《法学导论与术语翻译》以及专业术语翻译系列教材(部分正在编写之中)10余部,其中《藏族文学史》被列入“十二五”普通高等教育本科国家级规划教材。2017年6月荣获甘肃民族师范学院第八批民族团结进步模范集体荣誉称号。 

藏汉双语教育学院学院围绕国家、地方发展目标和社会需求,结合学校办学定位和办学目标,以改革创新为动力,以突出特色谋发展,大力提高双语人才培养能力,努力把学院建设成藏汉双语人才培养基地、科学研究平台、传承发展民族文化的重要窗口。学院对各院系的双语教育教学、科学科研、学生管理、师资培训等工作进行统筹、协调、指导。 

༄༅༎བོད་རྒྱ་སྐད་གཉིས་སློབ་གསོ་སློབ་གླིང་གི་མཚམས་སྦྱོར་མདོར་བསྡུས།

ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་རྒྱ་སྐད་གཉིས་སློབ་གསོ་སློབ་གླིང་ནི་2014་ལོར་གསར་དུ་བཙུགས་ཤིང་།ད་ལྟ་མར་ཁེ་སི་རིང་ལུགས་སློབ་གླིང་དང་། རྒྱ་ཡིག་སྡེ་ཁག བོད་ཡིག་རྩིས་ཚན་སྡེ་ཁག ལོ་རྒྱུས་རིག་གནས་སྡེ་ཁག རྩིས་འཁོར་ཚན་རིག་སྡེ་ཁག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྡེ་ཁག སློབ་གསོ་ཚན་རིག་སྡེ་ཁག་སོགས་སྡེ་ཁག་བདུན་གྱིས་སྐད་གཉིས་ཆེད་གཉེར་འཛིན་གྲྭ་བསྡུས་དང་སྡུད་ཀྱིན་ཡོད། སློབ་གླིང་གིས་སྐད་གཉིས་སྡེ་ཁག་རྣམས་ཀྱི་སློབ་ཁྲིད་དང་།ཞིབ་འཇུག བདག་གཉེར།གསོ་སྦྱོང་སོགས་ཕྱོགས་སོ་སོའི་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་དང་།སྙོམས་སྒྲིག མཛུབ་སྟོན་བཅས་བྱེད་བཞིན་མཆིས།།

སློབ་གླིང་འདིར་ཆེད་ལས་བཅུ་གཅིག་དང་འཛིན་གྲྭ་བཞི་བཅུ་ཞེ་གཅིག་མཆིས་ཤིང་སློབ་མ་1884ཡོད།སྐད་གཉིས་སློབ་ཁྲིད་ཀྱི་དགེ་རྒན་36ཡོད་པ་ལས། དགེ་རྒན་ཆེན་མོ་5དང་དགེ་རྒན་ཆེན་མོ་གཞོན་པ་12དང་།འཆད་ཁྲིད་དགེ་རྒན་19བཅས་ཡོད། སློབ་གླིང་འདིས་སྔ་ཕྱིར་བོད་རྒྱ་སྐད་གཉིས་ཀྱི་《གྲངས་རིག་དབྱེ་ཞིབ》དང་《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཏེ་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཁྲིད་གཉིས་བཙུགས་པ་དང་།《དབྱིབས་རིག་ཞིབ་འགྲེལ》དང་《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས》ཏེ་སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཁྲིད་གཉིས་བཙུགས་ཡོད་པར་མ་ཟད།《བོད་ཡིག་དྲ་རྒྱའི་འཛུགས་སྐྲུན》དང་།《cསྐད་བརྡའི་བྱ་རིམ་འཆར་འགོད》བཅས་སློབ་གྲྭ་རིམ་པའི་ཁྱད་ལྡན་སློབ་ཁྲིད་གསུམ་དང་།《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་དོན》དང་།《བོད་ཀྱི་སྲོལ་རྒྱུན་མི་ཆོས་རིག་པ》དང་།《བོད་ཀྱི་དམངས་སྲོལ་རིག་པ》དང་།《ས་སྐྱའི་ལེགས་བཤད》དང་།《བོད་ཀྱི་ལོ་རྒྱུས་སྤྱི་བཤད》དང་།《བོད་ཀྱི་སྐར་རྩིས་རིག་པ》དང་།《ཚན་རྩལ་ལོ་ཙཱ》སོགས་འདེམས་སྦྱོང་བསླབ་ཚན་སུམ་ཅུ་ལྷག་སློབ་ཁྲིད་བྱེད་ཀྱིན་ཡོད།  ལས་གཞི་དང་འབྲེལ་ནས་《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་།《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས》དང་།《བོད་ཀྱི་རྩོམ་རིག་སྤྱི་བཤད》དང་།《ཁྲིམས་ལུགས་རིག་པའི་ནང་དོན་མདོར་བསྟན》སོགས་ཆེད་ལས་བརྡ་ཆད་ཀྱི་ལོ་ཙཱའི་སྐོར་གྱི་སློབ་དེབ་བཅུ་ཕྲག་ལྷག་(དེབ་ཁ་ཤས་སྒྲིག་རྩོམ་བྱེད་བཞིན་པའི་སྒང་ཡིན)དཔེ་སྐྲུན་བྱས་དང་བྱེད་ཀྱིན་མཆིས།བསླབ་དེབ་དེ་དག་ལས་《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཞེས་བྱ་བའི་བསླབ་དེབ་ཉིད་“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་”རྒྱལ་ཁབ་རིམ་པའི་མཐོ་རིམ་སློབ་གསོའི་འཆར་གཞིའི་བསླབ་དེབ་ཏུ་བདམས་ཡོད།

སློབ་གླིང་འདི་རུ་ད་དུང་ནུབ་བྱང་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་།བོད་རྒྱ་སྐད་གཉིས་སློབ་གསོ་ཞིབ་འཇུག་ཁང་དང་། ཀན་སུའུ་ཞིང་ཆེན་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་ལྟེ་གནས་བཅས་ལས་ཁུངས་གསུམ་བཙུགས་ཡོད་ཅིང་། ལས་ཁུངས་འདི་དག་གིས་མི་རིགས་སློབ་གསོ་ཞིབ་འཇུག་དང་། སྐད་གཉིས་སློབ་གསོ་ཞིབ་འཇུག སྐད་གཉིས་དགེ་རྒན་གསོ་སྦྱོང་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བྱུང་།2017ལོའི་ཟླ6པར། སློབ་གླིང་འདི་ཉིད་ལ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ཡིས“མི་རིགས་མཐུན་སྒྲིལ་ལ་མཛད་རྗེས་ཆེ་བའི་སློབ་གླིང་དཔེ་ལེགས་ཅན”ཞེས་བྱ་བའི་གཟེངས་བསྟོད་བྱ་དགའ་གནང་ངོ་།།

来源:http://zhsy.gnun.edu.cn/xygk/xyjj.htm

版权所有 中国藏学研究中心。 保留所有权利。 京ICP备06045333号-1

京公网安备 11010502035580号