【我是藏研人】卓玛:为藏学研究兢兢业业的小蜜蜂之喉音(藏语诗歌)

发布时间:2021-06-04 15:35:00 | 来源:中国藏学研究中心 | 作者:卓玛 | 责任编辑:

卓玛


༄༅།། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་ནས་

ལོ་འཁོར་སོ་ལྔ་ལོན་པར་ཕུལ་བ། ། 

_བོད་རིག་པའི་སྐོར་ལ་འབད་བརྩོན་བྱེད་མཁན་ཕྲན་ཆུང་བུང་བའི་མགྲིན་དབྱངས། 

དུས་རབས་ཉི་ཤུའི་གྱ་དྲུག་ལོར། ། 

ཤར་ཕྱོགས་སའི་དཀྱིལ་རྒྱལ་ཆེན་འདིར། ། 

ཏང་སྲིད་མཉམ་སྦྲེལ་མཛུབ་སྟོན་སྒོས ། 

བོད་ཀྱི་ཤེས་རིག་ལྟེ་གནས་བཙུགས། ། 

གནའ་དེང་རིག་གནས་ལོ་རྒྱུས་སོགས། །  

དཔག་ཡས་མཛད་རྗེས་ཕུན་སུམ་ཚོགས། ། 

ཕྲ་ཞིབ་བློ་རྩེའི་སོར་མོ་ལས། །  

བདེན་རྟོགས་རྒྱུད་མང་དབྱངས་སྙན་དཀྲོལ། ། 

སྲོལ་རྒྱུན་བཅུ་ཕྲག་རིག་པའི་གནས། ། 

སྙན་གྲགས་བ་དན་ཡུན་རིང་སྐྱོད། །

སྙིང་བཅུད་སྔོག་འདོན་གང་ལེགས་སྒོས། ། 

གནའ་བཟང་དེང་སྤྱོད་བྱ་བར་བྲེལ། ། 

བདག་གཞན་སྐྱེ་དགུ་ཐམས་ཅད་དང་། ། 

རི་ཀླུང་ཡུལ་ཁམས་ཁོར་ཡུག་ལ། །

བྱམས་བརྩེ་སྲུང་སྐྱོབ་རྣམ་དག་ལྡན། ། 

ཀུན་སྤྱོད་འདུ་ཤེས་ཁྱད་དུ་འཕགས། ། 

འཛམ་གླིང་སྲིད་པའི་རྩེ་མོ་ན། ། 

གངས་ལྗོངས་བོད་ཡུལ་བརྗིད་ཆགས་ལྡན། །

དེ་བཞིན་གངས་ལྗོངས་རིག་གནས་ནི། །

འཛམ་གླིང་རིག་མཛོད་ཁྲོད་ན་བརྗིད། །

དཔྱིད་དཔལ་བུ་མོ་དལ་གྱིས་སླེབས། །

དཔྱིད་རླུང་ལྡིང་བའི་དུས་བཟང་ལ། ། 

ཕྲན་ཆུང་བུང་བའི་མགྲིན་དབྱངས་ལས།

ལོ་འཁོར་སོ་ལྔར་བཀྲ་ཤིས་འབུལ། ། 


[རྩོམ་པ་པོ]  སྒྲོལ་མ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་།  


译文

献给中国藏学研究中心成立35周年

为藏学研究兢兢业业的小蜜蜂之喉音

二十世纪八六年

东方国家之中心

党政联合指导下

建立了藏学中心

古今历史文化等

无数功绩难于计

细微思想之手指

弹奏实感之琴弦

传统十明文化

闻名之帆永恒飘扬

文化精髓深发掘

古为今用勤奋斗

所有生命体

及山水环境

无条件爱护

这种品德很崇高

世界屋脊

雪域高原很雄伟

雪域文化

是世界文化宝库中灿烂

春姑娘慢慢到

春风无限好之时光

鄙人蜜蜂之美音

献给三十五周年


(作者:卓玛,中国藏学研究中心图书馆)

版权所有 中国藏学研究中心。 保留所有权利。 京ICP备06045333号-1

京公网安备 11010502035580号