《དུང་དཀར་ཚིག་མཛོད་ཆེན་མོ》APPདྲ་ཐོགས་ཏུ་སྤེལ་བ།

发布时间:2022-07-05 09:05:14 | 来源: | 作者: | 责任编辑:刘怿艺

སྔ་དྲན་དེང་རྟོགས། མ་འོངས་གསལ་སྟོན། ། དུང་དཀར་ཚིག་མཛོད་ཆེན་མོ》APPདྲ་ཐོགས་ཏུ་སྤེལ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིསདེང་རབས་ཀྱི་ཚན་རྩལ་བྱ་ཐབས་སྤྱད་དེ་དཔེ་རྙིང་ཉམས་གསོ་དང་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དཔེ་རྙིང་ལ་ཁྱབ་པའི་མཚན་ཉིད་རིག་པའི་བསམ་བློ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས། རིན་ཐང་འདུ་ཤེས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོསཞེས་ནན་བཤད་གནང་བ་རེད། དུང་དཀར་ཚིག་མཛོད་ཆེན་མོ》APPདེ་ནི་ཏང་གི་བོད་འབྲེལ་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཕུལ་བྱུང་གི་མི་རིགས་རིག་གནས་དང་དེང་རབས་ཚན་རྩལ་ཆ་འཕྲིན་ལག་རྩལ་ཟུང་འབྲེལ་བྱེད་པའི་རྨང་གཞིའི་རང་བཞིན་དང་ཕུགས་རིང་རང་བཞིན་གྱི་ལས་དོན་ཞིག་རེད། ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་མ་ཟད། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་གལ་འགངས་ཆེ་ལ་གཏིང་ཟབ་དོན་སྙིང་ལྡན་ཡོད།

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའིདུང་དཀར་ཚིག་མཛོད་ཆེན་མོནི་བོད་རིག་པ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དུས་ཡུན་ལོ30ལྷག་ཙམ་སྤྱད་དེ་ཡིག་འབྲུ་དུང་ཕྱུར་བཞིའི་གནའ་དེང་གི་བོད་རིགས་ཀྱི་ལོ་རྒྱུས་དང་། ཆོས་ལུགས་ཀྱི་བརྩམས་ཆོས། རྩོམ་རིག་བརྩམས་ཆོས་བཅས་ཀྱི་ཁྲོད་ནས་འཚོལ་བ་དང་། གདམ་ག་བྱེད་པ། རྩོམ་སྒྲིག་ཞིབ་ཚགས་བྱས་པའ་འདི་ནི་བོད་རིག་པའི་ཤེས་བྱ་ཀུན་བཏུས་ཚིག་མཛོད་ཅིག་རེད། དཔེ་སྐྲུན་བྱས་རྗེས་རྒྱལ་ཁབ་ཕྱི་ནང་གི་ཚིག་མཛོད་ལས་རིགས་དང་། མི་རིགས་ལས་རིགས། བོད་རིག་པའི་ལས་རིགས་བཅས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། ཚིག་མཛོད་འདིར་ཁྱོན་བསྡོམས་ཚིག་ཁྲི1.4དང་ཡིག་འབྲུ་ཁྲི280ལྷག་ཙམ་བསྡུས་ཡོད། ལོ་རྒྱུས་དང་། མི་རིགས། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། རྩོམ་རིག ཆོས་ལུགས། གནའ་རྫས་རྟོག་ཞིབ། དམངས་སྲོལ། སྒྱུ་རྩལ་སོགས་རིག་ཚན་མང་པོའི་ཐད་ནས་འདུས་ཡོད། བོད་དང་འབྲེལ་བ་ཡོད་པའི་ས་ཁོངས་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། ཕུན་སུམ་ཚོགས་པའི་ནང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས། དེང་རབས་ཀྱི་རིན་ཐང་བཅས་མངོན་པ། དཔེར་ན་གནའ་བོར་ཀྲུང་དབྱང་རྒྱལ་རབས་དང་བོད་ལྗོངས་ཀྱི་ས་གནས་སྲིད་གཞུང་དབར་གྱི་འབྲེལ་བ་དང་། དེ་སྔའི་བོད་ལྗོངས་ས་གནས་སྲིད་གཞུང་གི་སྒྲིག་གཞི་དང་དེ་བཞིན་ཆེད་སྤྱོད་གཞུང་ཡིག བོད་རིགས་ཀྱི་གནའ་བོའི་བཅའ་ཁྲིམས། བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་གནའ་ཤུལ་གནས་མཆོག་དང་གཙོ་གནད་དགོན་སྡེ། བོད་རིགས་ཀྱི་དམངས་སྲོལ་དང་ཆོས་ལུགས་སོགས་ཀྱི་ནང་དོན་འདུས་ཡོད། བོད་རིག་པ་ཞིབ་འཇུག་བྱེད་མཁན་ཚོར་ཧ་ཅང་ཐོབ་དཀའ་བའི་དཔྱད་གཞི་མཁོ་འདོན་བྱས་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་བྱེད་འདོད་པའི་རྒྱ་ཆེའི་ཀློག་པ་པོར་ཡང་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ཤེས་བྱ་མཁོ་འདོན་བྱས་ཡོད། དེ་དང་མཉམ་དུ་རྩོམ་སྒྲིག་པས་ཐ་སྙད་རེ་རེ་བཞིན་ལ་ཁུངས་འདེད་དང་། འགྲེལ་བཤད། ལུང་འདྲེན། གསལ་བཤད་བཅས་ཀྱི་སྒོ་ནས་རྒྱས་བཤད་ཞིབ་ཕྲ་བྱས་ཡོད། རྩོམ་སྒྲིག་འདེམ་སྒྲུག་བྱས་པའི་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པ་དང་། ནང་དོན་འགྲེལ་བཤད་ཞིབ་ཕྲ་ཡིན་པ། རྩོམ་དཔེར་སྒྲིག་སྦྱོར་ལུགས་མཐུན་ཡིན་པ་བཅས་ནི་རིགས་གཅིག་པའི་དཔེ་སྐྲུན་དངོས་པོའི་ཁྲོད་ཀྱི་ཕུལ་བྱུང་ཞིག་དང་བོད་རིག་པའི་ཤེས་བྱ་སློབ་སྦྱོང་བྱེད་པའི་ལག་ཆའི་དཔེ་དེབ་གལ་ཆེན་ཞིག་རེད།

ད་ལོ་གྲངས་འཛིན་མཐའ་སྣེའི་སྒྲིག་ཆས་དེ་ཉིན་རེ་བཞིན་མཁས་དབང་དང་། སློབ་མ། ཀློག་པ་པོ་བཅས་ཀྱིས་ཆ་འཕྲིན་འཚོལ་ཐབས་གཙོ་བོར་གྱུར་ཡོད་ན་ཡང་། འོན་ཀྱང་བོད་ཡིག་དང་བོད་རིག་པ་སྐོར་གྱི་རིག་ནུས་མཉེན་ཆས་གསར་སྤེལ་བྱ་རྒྱུ་ནི་ཏོག་ཙམ་རྗེས་ལུས་ཐེབས་ཡོད། ཚིག་མཛོད་ཀྱི་རིན་ཐང་འདོན་སྤེལ་གང་ལེགས་བྱས་ནས་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཀློག་པ་པོས་ཤེས་རྟོགས་དང་ཀློག་བཤེར་བྱ་རྒྱུར་སྟབས་བདེ་སྐྲུན་ཆེད། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དང་ཝུའེ་ཧྥང་པེ་རྟག་ཆིང་ཉིའུ་ཧྭ་ཀོང་པར་ལེན་རྩོམ་སྒྲིག་ཚད་ཡོད་ཀུང་སིས་སྔོན་ཐོན་གྱི(flutter)སྐད་ཡིག་ལག་རྩལ་རྣམ་པར་གཞིགས་ནསདུང་དཀར་ཚིག་མཛོད་ཆེན་མོ》APPགསར་སྤེལ་བྱེད། དུང་དཀར་ཚིག་མཛོད་ཆེན་མོའིརྨང་གཞིའི་སྟེང་། APPདམིགས་བསལ་ཁྱད་ཆོས་ལྡན་པའི་རིག་ནུས་ཅན་གྱི་ཤེས་བྱ་འཚོལ་བཤེར་དང་། ཐ་སྙད་དང་རྩོམ་ཡིག་གི་ཞིབ་ཕྲའི་ནང་དོན་མངོན་པ། པར་རིས་དང་རྩོམ་ཡིག་འགྲེམས་སྟོན། ཉིན་རེའི་ཐ་སྙད། ཉར་ཚགས། བསམ་འཆར་ཡར་འདྲེན། གཙང་བཤེར་ལྷོད་གསོག་པར་གཞི་ཞིབ་དཔྱད། རང་འགུལ་གསར་བསྒྱུར། གསང་དོན་གྲོས་མཐུན། པར་དབང་གསལ་བཤད། དཔེ་མཛོད། མཐུད་མཚམས་ཀྱི་སྐད་ཡིག་གདམ་ག་དང་ཡི་གེ་ཆེ་ཆུང་སོགས་ཀྱི་དཔེ་དུམ་མཁོ་འདོན་བྱས་ཡོད་པ་རེད། གསུང་རབ་བློས་འགེལ་ཆོག་པའི་ནང་དོན་དང་། འཚོལ་ཞིབ་ཀྱི་ནུས་པ་ཆེ་བ། སྟབས་བདེའི་སློབ་སྦྱོང་བྱེད་ནུས། དེ་བཞིན་རིག་ནུས་ཅན་གྱི་ཤེས་བྱའི་ཞབས་ཞུ་སོགས་ནུས་པ་ལྡན་ཡོད་ལ། ཚིག་མཛོད་སྤྱོད་དུས་དེ་བས་སྤྲོ་སྣང་ལྡན་པའི་སྒོ་ནས་ཀློག་པ་པོས་རོལ་རྩེད་ཁྲོད་སློབ་སྦྱོང་བྱེད་པ་དང་སློབ་གསེང་དང་ལས་ཞོར་དུས་ཚོད་གང་ལེགས་སྤྱད་དེ་སློབ་སྦྱོང་བྱེད་ཆོགAPPའདི་ལ་ཨན་ཀྲོ(Android)དང་ཀུ་ཤུའི(iOS)མ་ལག་གཉིས་ཐོག་ནས་པར་གཞི་གསར་སྤེལ་བྱས་ཡོད་ལ་བཀོལ་སྤྱོད་ཁྲོམ་ར་ནང་དུ་རིན་མི་དགོས་པར་ཕབ་ལེན་བྱས་ཆོག

ཤོག་བུའི་ཚིག་མཛོད་དང་མི་འདྲ་བརདུང་དཀར་ཚིག་མཛོད་ཆེན་མོའི》APPནི་བོད་ཡིག་གི་སྒྲ་རིམ་སོགས་ཤོག་བུ་དང་དཔེ་དེབ་འཚོལ་བསྡུའི་རྣམ་པ་མངོན་པ་མ་ཟད་ ད་དུང་ཐ་སྙད་གསར་པ་དང་། རྩོམ་ཡིག་ཆ་ཚང་འཚོལ་བཤེར། ཀུན་འཕྲོད་ཨང་རྟགས(*?)བཤེར་འཚོལ་སོགས་གྲངས་གཞི་ཅན་གྱི་བཙལ་འཚོལ་བྱེད་སྟངས་ཀྱིས་སློབ་སྦྱོང་བྱེད་ནུས་ཀྱི་དཔེ་དུམ་མང་དུ་བཏང་བས་ཚིག་མཛོད་དེ་ཞིབ་བཤེར་ཡོ་བྱད་ནས་སློབ་སྦྱོང་ཡོ་བྱད་བར་འགྱུར་ལྡོག་བྱུང་ནས་ཅུང་འཐུས་སྒོ་ཚང་བའི་ཤེས་བྱའི་ཞབས་ཞུའི་མ་ལག་ཅིག་ཆགས་ཡོད་པ་རེད། APPལ་དུས་གཅིག་ཏུ་གྲངས་གཞིའི་པར་གཞི་དང་ཤོག་རིགས་པར་གཞི་གཅིག་བརྗེ་སྣོན་བྱུང་བ་དང་ཇུས་འགོད་དེ་སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་གྱི་མཁྲེགས་ཆས་ལ་དོགས་པ་མེད་པར་བཟོས་ཡོད་ལ་སྤྱོད་མཁན་གྱི་སྲོལ་རྒྱུན་དཔེ་ཀློག་ཤོག་བུའི་དཔེ་དེབ་ལྟ་ཀློག་བྱེད་པའི་བརྩེ་སེམས་ཡང་མཐུན་ཡོད།

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནི་རྒྱལ་ཁབ་རིམ་པའི་བོད་འབྲེལ་དཔེ་དེབ་ཆེད་ལས་དཔེ་སྐྲུན་ཁང་ཡིན་ལ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྤྱི་ཕན་དཔེ་སྐྲུན་སྡེ་ཚན་བཞིའི་གྲས་ཤིག་ཡིན། ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ལ་ཐོག་མཐའ་བར་གསུམ་དུ་དུས་རབས་དང་མཐུན་པའི་བོད་ཀྱི་རིག་གཞུང་པར་བསྐྲུན་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། བོད་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ཞབས་ཞུ་དེ་ལས་ཀའི་གཙོ་གནད་དུ་བཟུང་ནས་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་དེབ་པར་སྐྲུན་གྱི་ལམ་བུ་བཏོད་པ་མ་ཟད་དཔེ་སྐྲུན་གྱི་ལས་དོན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་འཚོལ་ཞིབ་བྱས་ཏེ་ཐུན་མོང་མ་ཡིན་པའིཀྲུང་གོའི་བོད་རིག་པའིདཔེ་དེབ་སྤུས་རྟགས་ཀྱི་ལམ་བུ་ཞིག་ཀྱང་བཏོད་ཡོད། དུང་དཀར་ཚིག་མཛོད་ཆེན་མོའི》APPསྤྱི་ཕན་རང་བཞིན་གྱི་སྒོ་ནས་རིན་མེད་ངང་ཁྱབ་བསྒྲགས་བྱས་པ་དེ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཚིག་མཛོད་ཀྱི་སྨྱན་སྦྱོར་མཉམ་འདྲེས་དང་སྨྱན་སྦྱོར་གྱི་ཚིག་མཛོད་རྩོམ་སྒྲིག་ལ་སྐུལ་འདེད་གཏོང་བའི་ཚོད་ལྟ་གལ་ཆེན་ཞིག་རེད་ལ། དེས་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆའི་ཚིག་མཛོད་མྱུར་སྐྱོབ་དང་། སྲུང་སྐྱོབ། སྔོག་འདོན། བརྒྱུད་བསྒྲགས་བཅས་ཀྱི་སྤུས་ཚད་དང་ལས་ཕྱོད་སྔར་བས་མཐོ་རུ་ཕྱིན་ནས་དུས་རབས་གསར་པའི་བོད་རིག་པའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་བོ།།

རྩོམ་སྒྲིག་པ། སྣང་རྡོར། བསོད་ནམས་སྐལ་ལྡན།

版权所有 中国藏学研究中心。 保留所有权利。 京ICP备06045333号-1

京公网安备 11010502035580号